“བོད་ལྗོངས་ཀྱི་བྱིས་པ་ཁྲི100བཙན་གྱིས་གཞན་འགྱུར་བྱེད་དུ་བཅུག” ཕྱི་རྒྱལ་གྱི་ལྟ་ཞིབ་པ་ཞིག་ཆེད་དུ་བོད་ལྗོངས་བཅའ་སྡོད་ལམ་ལུགས་སློབ་གྲྭར་ཕྱིན་པ།

2023ལོའི་ཟླ2པར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་“གྲངས་ཉུང་རིགས་ཚོགས་གནད་དོན་ཆེད་གཉེར་སྙན་ཞུ་པ་”གསུམ་གྱིས་མི་སྒེར་གྱི་མིང་ཐོག་ནས་སྙན་ཞུ་བྱས་དོན་“ཀྲུང་གོས་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭ་བརྒྱུད་དེ་རིག་གནས་དང་ཆོས་ལུགས། སྐད་རིགས་སོགས་ཀྱི་ཕྱོགས་ནས་བོད་མི་དམངས་མི་རིགས་གཞན་དུ་བསྒྱུར་བཞིན་འདུག་ལ། བོད་ལྗོངས་ཀྱི་བྱིས་པ་ཁྲི100ལ་ཤུགས་རྐྱེན་ཟབ་མོ་བཟོས།”ཞེས་བསྟན་ཡོད། དེར་ནུབ་ཕྱོགས་ཀྱི་སྨྱན་སྦྱོར་ཁག་གིས་བསྟུད་མར་བརྒྱུད་བསྐུར་བྱས་ནས་ཀྲུང་གོའི་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭར་སུན་འབྱིན་ནན་མོ་བཏང་།
བོད་ཀྱི་བྱིས་པ་དག་བཙན་གྱིས་བཅའ་སྡོད་སློབ་གྲྭ་འགྲིམ་དགོས་སམ། བྱིས་པ་དག་སློབ་ཁྲིད་སྐབས་སུ་“གཞན་འགྱུར་སློབ་གསོར་”འཕྲད་ཀྱི་ཡོད་དམ། སློབ་གྲྭའི་འགྲོ་འདུག་དང་འཚོ་བའི་ཆ་རྐྱེན་སོགས་དོན་དངོས་སུ་ཇི་འདྲ་ཡིན་ནམ། དེ་བས་ནུབ་ཕྱོགས་སྨྱན་སྦྱོར་གྱིས་བཏོན་པའི་གནད་དོན་ཁག་ལ་བརྟག་དཔྱད་བྱེད་ཆེད་ཕྱིའི་བརྟག་དཔྱད་པ་ཨན་ཙིག་ཆེད་དུ་བོད་ལྗོངས་ལྷ་སར་ཡུལ་དངོས་བརྟག་དཔྱད་བྱེད་དུ་ཕྱིན་ནས་གནས་ཚུལ་ལ་རྒྱུས་ལོན་བྱས།
ཐེངས་འདིའི་ལེ་ཚན་ཁྲོད་ཁྱེད་རང་ཁྲིད་ནས་བོད་ལྗོངས་ཀྱི་གནས་ཚུལ་ལ་རྩད་འཚོལ་བྱེད་འགྲོ།
དྲི་བ་དང་པོ།
བོད་ཀྱི་བྱིས་པ་དག་“གཞན་འགྱུར་”བྱེད་དུ་བཅུག་ཡོད་དམ།
ཨན་ཙིག་ནག་ཆུ་སློབ་འབྲིང་དང་པོར་ཕྱིན་ནས་རྒྱུས་ལོན་བྱས་པ་ལྟར་ན་སློབ་གྲྭ་དེར་ལོ་རིམ་གསུམ་ཡོད་ཅིང་། འཛིན་གྲྭ་43ཡོད། སྡོམ་པས་སློབ་མ་2345འདུག ཨན་ཙིག་མཐོ་གཅིག་རིམ་པའི་འཛིན་གྲྭ་ཞིག་ཏུ་ཕྱིན་པ་ན་ཏག་ཏག་བོད་ཡིག་སློབ་ཁྲིད་ལ་འཁེལ་ཡོད།
ཨན་ཙིག། ཁྱོད་ཆེས་སྤྲོ་བ་ཡོད་སའི་སློབ་ཁྲིད་གང་རེད།
སློབ་མ། བོད་ཡིག་དང་དབྱིན་ཡིག་རེད།
ཨན་ཙིག། དེ་རིང་གི་སློབ་ཁྲིད་ནང་དོན་ཅི་ཞིག་རེད།
སློབ་མ། དེ་རིང་གི་སློབ་ཁྲིད་ནི་དུས་གསུམ་དང་བདག་གཞན་སོགས་རེད།
ཨན་ཙིག། ནང་དོན་འདི་དག་དཀའ་འམ།
སློབ་མ། སྔོན་འགྲོའི་སྐབས་སུ་ཅུང་ཟད་གོ་བ་ལེན་དཀའ་མོ་འདུག འོན་ཀྱང་རིམ་བཞིན་གོ་བ་ལོན་སོང་།
ཨན་ཙིག། ཁྱེད་ཚོའི་སློབ་སྦྱོང་གི་ནང་དོན་ལ་བོད་ཡིག་མ་ཟད། རྒྱ་ཡིག་དང་དབྱིན་ཡིག་བཅས་སྐད་རིགས་གསུམ་འདུག་པས་ཁྱོད་ཀྱིས་བལྟས་ན་དེས་ཁྱོད་ལ་རོགས་རམ་ག་འདྲ་འདུག
སློབ་མ། དེས་མི་རིགས་གཞན་གྱི་མི་ལ་འབྲེལ་འདྲིས་བྱེད་པར་ཕན་ཐོགས་འདུག
ལྷ་སའི་ནག་ཆུ་སློབ་འབྲིང་དང་པོར་བོད་ཡིག་དགེ་རྒན་27གྱིས་སློབ་ཁྲིད་ཀྱི་འགན་འཁུར་གྱིན་འདུག་ལ། བོད་ཡིག་དགེ་རྒན་པ་སངས་ཚེ་རིང་གིས་ཨན་ཙིག་ལ་བཤད་རྒྱུར། འདི་ཡི་བྱིས་པ་དག་གིས་ཆུང་དུས་ནས་བོད་ཡིག་བསླབས་མྱོངས་ཤིང་། སློབ་ཆུང་སྐབས་སུ་གཙོ་བོར་འབྲི་ཀློག་སོགས་སྦྱངས་པ་ཡིན་ལ། དམའ་འབྲིང་ནས་བརྡ་སྤྲོད་ལ་འཇུག་མགོ་བརྩམས། རིམ་བཞིན་མཐོ་འབྲིང་སྐབས་སུ་དུས་གསུམ་དང་བདག་གཞན་སོགས་སྦྱངས་པ་རེད། བོད་ཡིག་ནི་འདི་ལྟར་ལོ་རིམ་ལྟར་རིམ་པ་བགར་ནས་ཁྲིད་བཞིན་ཡིན།
ཨན་ཙིག། བོད་ཡིག་རིམ་གྱིས་ནུས་མེད་དང་ཉམས་དམས་སུ་གཏོང་བཞིན་འདུག་པའི་གནས་ཚུལ་ཐད་ཁྱོད་ལ་བསམ་ཚུལ་ག་འདྲ་འདུག
བོད་ཡིག་དགེ་རྒན་པ་སངས་ཚེ་རིང་། གལ་ཏེ་བོད་ཡིག་ནུས་མེད་དུ་གཏོང་འདོད་ན་ཆེས་བཟང་པའི་ཐབས་ཇུས་ནི་མཐོ་རྒྱུགས་སྐབས་སུ་དེ་ཡི་སྐར་མ་མེད་པར་བཟོ་རྒྱུ་དེ་ཡིན་མོད། འོན་ཀྱང་ད་ལྟ་ལ་ཐུག་གི་བར་དུ་བོད་ཡིག་རྒྱུགས་གཞིའི་སྐར་གྲངས་150ཡིན་པ་ལ་འགྱུར་བ་བྱུང་མ་མྱོངས། དུས་ཚོད་འདི་འདྲ་རིང་པོར་བོད་ཡིག་བསླབ་གཞིའི་ནང་དོན་ནི་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་སོགས་ཡིན་ལ། བོད་ཡིག་གི་གོ་རིམ་ནམ་ནམ་ཞར་ཞར་དུ་བསླབ་གཞི་གཞན་དག་གི་སྔུན་ན་ཡོད་པས་ཉམས་དམས་སུ་གཏོང་པའི་གནས་ཚུལ་མི་འདུག
ཨན་ཙིག། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་དོན་ལྟར་ན་སློབ་མ་དག་གིས་རྒྱ་སྐད་བཤད་ཀྱིན་འདུག་ལ་ཕྱིར་ཡུལ་དུ་ཕྱིན་ནའང་ཁྱིམ་མིར་བོད་སྐད་བཤད་ཀྱི་མི་འདུག་པ་བདེན་ནམ།
བོད་ཡིག་དགེ་རྒན་པ་སངས་ཚེ་རིང་། བྱིས་པ་དག་གིས་ཆུང་དུས་ནས་བོད་ཀྱི་སྐད་དང་ཡི་གེ་སྦྱངས་པ་ཡིན་པས་ཁྱིམ་མིར་ཁ་བརྡ་བྱེད་པར་དཀའ་ཁག་ཡོད་མི་སྲིད།
སློབ་གསེང་སྐབས་སུ་སློབ་མ་དག་གིས་སྐོར་བྲོ་དང་གླུ་དབྱངས། ཡིག་གཟུགས། ཁྲོམ་བྲོ་སོགས་ལ་ཚོ་ཆུང་བགར་ནས་སློབ་སྦྱོང་བྱེད་བཞིན་འདུག དེར་མ་ཟད་སློབ་མ་དག་གིས་རྒྱ་ཡིག་དང་དབྱིན་ཡིག་སོགས་སློབ་སྐབས་བོད་ཡིག་ནི་ནམ་ཡང་འདོར་མི་ཐུབ་པའི་གནས་སུ་འདུག

དྲི་བ་གཉིས་པ།
བྱིས་པ་དག་བཙན་གྱིས་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭར་འགྲོ་དགོས་སམ།
ཟླ2པའི་ཚེས6ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་དབང་སྙན་ཞུ་ལས་བསྟན་དོན། བོད་ལྗོངས་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭ་ནི་སྡེ་བ་དང་ཡུལ་ཚོའི་སློབ་གྲྭའི་སྒོ་རྒྱབ་ནས་གྲོང་རྡལ་དང་རྫོང་རིམ་པའི་སློབ་གྲྭས་དེའི་ཚབ་བྱས་པས་སློབ་མ་དག་བཅའ་སྡོད་བྱེད་དགོས་བྱུང་པ་ཡིན།
དོན་དངོས་ཀྱི་གནས་ཚུལ་ག་འདྲ་ཞིག་ཡིན་ལ་ཁྱིམ་བདག་དག་བྱིས་པ་བཅའ་སྡོད་བྱེད་རྒྱུར་འཐད་པ་ཡིན་མིན་ཐད། ཨན་ཙིག་ནག་ཆུའི་སློབ་མ་དངོས་གྲུབ་མཚོ་མོ་དང་ལྷན་དུ་ནག་ཆུར་ཕྱིན་ནས་རྒྱུས་ལོན་བྱས་པ་ཡིན། དངོས་གྲུབ་མཚོ་མོ་ནི་ནག་ཆུའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས་ཤིང་། གྲོང་ཁྱེར་གྱི་ཨ་ནེ་ཚང་དུ་བསྡད་ཡོད།
ཨན་ཙིག། ཁྱེད་ཚང་གི་བུ་མོས་ད་ལྟ་མཐོ་འབྲིང་འགྲིམ་བཞིན་ཡོད་པས་སློབ་གྲྭ་འདི་བཅའ་སྡོད་སློབ་གྲྭ་ཡིན་པ་ཤེས་སམ།
དངོས་གྲུབ་མཚོ་མོའི་ཨ་ཕ། ཐོག་དང་པོར་མིང་ཐོ་བཀོད་དུས་ང་ཡང་འགྲོ་མྱོངས། ཆ་རྐྱེན་སོགས་གང་ཇིའི་ཐད་ནས་ང་རང་ཡིད་ཚིམ་ཡོད།
ཨན་ཙིག། སྔོན་ཆད་ཉེ་འཁོར་འདིར་སློབ་གྲྭ་ཡོད་དམ།
དངོས་གྲུབ་མཚོ་མོའི་ཨ་ཕ། སྔོན་ཆད་ཉེ་འཁོར་འདིར་སློབ་གྲྭ་ཞིག་ཡོད། ཡིན་ཡང་ཆ་རྐྱེན་སོགས་ད་ལྟའི་སློབ་གྲྭ་ལ་བསྡུར་ཐབས་བྲལ།
སློབ་གཙོ་གཞོན་པ་བསོད་ནམས་ཚེ་རིང་། ང་ཚོའི་སློབ་གྲྭའི་སློབ་མ་ནི་ནག་ཆུ་མ་ཟད་ལྷ་ས་དང་གཞིས་ཀ་རྩེ། མངའ་རིས་སོགས་ནས་ཡང་ཡོད་པས། སློབ་ཁྲིད་དང་ཟ་མ། ཞག་སྡོད་སོགས་སློབ་གྲྭས་འགན་འཁུར་བཞིན་ཡོད། ལོ་གཅིག་ལ་རྒྱལ་ཁབ་ཀྱིས་ང་ཚོའི་སློབ་གྲྭར་འགྲོ་གྲོན་སྒོར་ཁྲི1144.57གཏོང་བཞིན་ཡོད།
ཨན་ཙིག། འགྲོ་གྲོན་ཁྲོད་དགེ་རྒན་གྱི་འགྲོ་གྲོན་གཏོགས་སམ།
སློབ་གཙོ་གཞོན་པ་བསོད་ནམས་ཚེ་རིང་། སྒོར་ཟུར་གཅིག་ཀྱང་གཏོགས་པ་མ་རེད། ཡོད་ཚད་སློབ་མའི་འགྲོ་གྲོན་ཡིན།